Skip to main content

བོད་ཀྱི་རྩོམ་རིག་བྱུང་ཁུངས་དང་འཕེལ་རིམ་གྱི་སྐོར།


ངོ་སྤྲོད།
རང་ཅག་བསྐལ་བཟང་བསོད་ནམས་ལྡན་པའི་དུས་སུ་འཇིག་རྟེན་འཛམ་བུ་གླིང་ཆགས་པའི་རྗེས་སུ་འགྲོ་བ་མི་རིག་ནི་རིག་པ་རྣོན་པོ་སྐྱེས། དེ་ནས་རང་ཉིད་ཀྱི་རྒྱུད་དུ་ཚོར་གང་ཞིག་བྱུང་ཡང་ངག་ནས་བརྗོད་པ་ཡིན་ཡང་རིམ་གྱིས་རིག་པ་ཕེལ་ནས་ཡིག་གེ་བྱུང་བ་དང་མཉམ་དུ་རྩོམ་རིག་དེ་བྱུང་བ་ཡིན། དེ་ནས་རྩོམ་རིག་ལ་དབྱེ་བ་མང་པོ་ཞིག་ཡོད་ཀྱང་གསུམ་དུ་དབྱེ་ན། དེ་ཡང་གདོད་མའི་རྩོམ་རིག་དང་སྲོལ་རྒྱུན་ནམ་མཁས་འཕགས་ཀྱི་རྩོམ་ རང་མོས་ཀྱི་རྩོམ་སོགས་ཡིན་ནོ། འདི་ནས་དེ་དག་གི་གོ་དོན་རེ་རེ་ཞིག་དང་དེ་དག་གི་བྱུང་ཁུངས་ ཕེལ་རིམ་སོགས་བཤད་ཀྱི་ཡིན། དེ་ལས་ཐད་དང་མི་ཐད་པའི་སྐྱོན་ཅི་ཡོད་དམ་དཔྱད་པ། རྩོམ་རིག་དེ་དག་ལ་བརྩོན་ན་དགོས་པ་དང་ཕན་པ་སོགས་ཇི་བཞིན་ཡོད་དམ་ཡོངས་སུ་རྫོགས་པར་བཤད་ན། དེ་ལ་སློབ་པར་འདོད་པ་རྣམས་ལ་ཀྱིས་ཀྱང་རྩོམ་རིག་གི་སྐོར་བཤད་ཐབས་དོན་དོ་ཙམ་གླེང་བར་བྱས་པར་ཡིན་ནོ།
༼བོད་ཀྱི་རྩོམ་རིག་བྱུང་ཁུངས་དང་འཕེལ་རིམ་ལ་དཔྱད་པ།༽
༄༅།། རྩོམ་རིག་་ནི་ས་པཎ་གྱིས།སྤྱི་ཚོགས་འཚོ་བའི་འདུ་ཤེས་འཛིན་སྟངས་ཤིག་དང་རྩོམ་མཁན་གྱི་ཀློད་པའི་ངག་རྩོལ་བརྒྱུད་ནས་བྱུང་བའི་འཐོན་རྫས་ཁྱད་ཕར་བ་ཞིག་ཡིན། སྤྱིར་བཏང་རྩོམ་རིག་ཞེས་པའི་རིག་ཚན་ནི་འཛམ་གླིང་གི་སྐད་མཛོད་ནང་དུ་སྔོན་ནས་ཡོད་པའི་ཐ་སྙད་རྙིང་པ་ཤིག་མ་ཡིན་པར་དུས་རབས་བཅོ་བརྒྱད་པར་གཞི་ནས་དར་བ་ཞིག་རེད།  ཡིན་ཀྱང་བོད་དུ་རྩོམ་རིག་ནི་སྔོན་དུས་འཛམ་བུ་གླིང་དང་འགྲོ་སྲོག་ཆགས་བྱུང་བའི་དུས་སུ་ཡོད་ཅེས་བཤད་སྲོལ་ཡོད་དོ། དེའང་འགྲོ་བ་རིགས་དྲུག་ཆགས་ཡོད་ཀྱང་ཕན་ཚུན་གཅིག་གིས་གཅིག་ལ་གོ་བ་དང་བརྡ་སྤྲོད་པའི་ཕྱིར་དང་ འཚོ་བའི་སྐྱིད་སྡུག་གཅིག་ཏུ་གནས་པའི་མི་རྣམས་ཕན་ཚུན་སེམས་ཀྱི་དགའ་སྐྱོ་ཆགས་སྡང་སོགས་མཚོན་པའི་གླུ་དང་བྲོ་གར་སོགས་ཀྱང་གདོད་མའི་དུས་ནས་བྱུང་བར་མི་ཡི་ འགྲོ་བའི་ཆགས་རིམ་གྱི་སྤྱི་བབས་སུ་སྣང་ལ།  དེ་ལྟ་བུའི་བརྡ་ཐབས་དང་སྐད་ཆ་་རིམ་བཞིན་ནས་གླུ་དང་དབྱངས་སོགས་འདོན་པའི་སྒྱུ་རྩལ་དང་ལུས་ཀྱི་་རྣམ་འགྱུར་སོགས་བྱུང་ངོ། དེ་ཡང་ རྒྱ་ཡི་གཙུག་ལག་ལས། ཡིད་འགྱུར་རྣམ་པར་འགྱུར་ཚེ་ངག་ཏུ་བརྗོད། །བརྗོད་པ་ཙམ་གྱིས་མ་ཚིམས་དབྱངས་སུ་འགུགས། །དབྱངས་སུ་འགུགས་པས་མི་ཚིམས་གླུ་རུ་ལེན། །དེས་ཀྱང་ད་དུང་ཚིམས་པ་མེད་པ་ན། །ལག་པས་སྟངས་སྟབས་རྐང་པས་ཞབས་བྲོ་བརྡུང་། ། བོད་ཀྱི་ཁ་དཔེར་ནས།  སྐད་ཆ་བཤད་ཤེས་པ་དང་གླུ་ལེན།  གོམ་པ་སྤོ་ཤེས་པ་དང་བྲོ་འཁྲབ་ཟེར་བ་སོགས་ལ་མཚོན་ན་དུས་སྒང་དར་བ་ཡིན་སྙམ། དེ་ལྟར་དུས་རབས་བདུན་པ་ལ་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་མཁན་ཆེན་ཐུ་མི་སཾབྷོ་ཊས་ལྷའི་ཡི་གེ་ནས་དཔེ་བླངས་སྟེ་བོད་དུ་ཡི་གེ་གསར་རྩོམ་མཛད་ནས་བརྡ་སྤྲོད་པའི་བསྟན་བཅོས་མང་པོ་ཞིག་བརྩམ་གནང་བས་བོད་དུ་དཀར་པོའི་ཉི་མ་ཤར་བའི་དུས་འབྱུང་ངོ་། ཡིན་ཀྱང་རྩོམ་རིག་ཏུ་དབྱེ་ན་ངག་རྩོམ་ཞེས་ཐུ་མི་མ་བྱོན་པའི་སྔོན་དུ་དང་ཡིག་རྩོམ་ཞེས་ཐུ་མི་བྱོན་པའི་རྗེས་སུ་ཡོད་པར་སྣང་ངོ། འོན་ཀྱང་བོད་དུ་དུས་རབས་བདུན་པའི་སྔ་མར་ཡོད་པའི་གདོད་མའི་རྩོམ་རིག་དང་དུས་རབས་བདུན་པའི་རྗེས་སུ་འབྱུང་བའི་སྲོལ་རྒྱུན་ནམ་མཁས་འཕགས་རྩོམ་རིག་དང་དེང་སང་སྤྱོད་ཡོད་པའི་རང་མོས་ཀྱི་རྩོམ་རིག་བཅས་གསུམ་མོ།
དེ་ཡང་དང་པོ།གདོད་མའི་རྩོམ་རིག་ནི། སྤྱིར་རྩོམ་རིག་ལ་དབྱེ་བ་དུ་མ་ཡོད་ཀྱང་འདིར་སྒྱུ་རྩལ་རྩོམ་རིག་འབུར་དུ་བཏོན་ཅིང་རྩོམ་རིག་གཞན་རྣམས་མགོ་སྨྲས་པ་ཙམ་རེ་བྱས་ནས་འཆད་པར་འདོད་དེ། དེ་ཡང་གདོད་མའི་རྩོམ་རིག་ནི། བོད་ཀྱི་རྒྱལ་ཁབ་བསྐལ་པ་ཡར་ཐོག་གི་སྐབས་ནས་རང་ཆས་སུ་ཡོད་པའི་རྩོམ་རིག་དེ་ལ་ཟེར། དེ་ཡང་བོན་སྒྲུང་ལྡེའུ་གསུམ་གྱི་སྒོ་བཞི་མཛོད་ལྔ་བསྟན་པའི་གཞུང་ཀུན་གདོད་མའི་རྩོམ་རིག་ཡིན། དེ་ཡང་ དགེ་འདུན་ཆོས་འཕེལ་གྱིས། སྒྱུ་རྩལ་གྱི་དབང་དུ་བྱས་ན་ཏུན་ཧོང་ཡིག་ཆ་ལས། ཆབ་ཆབ་ནི་ཕ་རོལ་ན།། ཡར་ཆབ་ཀྱི་ཚུར་རོལ་ན།། མྱྀ་བུ་ནི་མྱྀའི་བུ་སྟེ།། ལྷ་ཡི་ནི་སྲས་པོ་བཞུགས།། རྗེ་བདེན་གྱི་བཀོལ་དུ་དགའ།། སྒ་བདེན་གྱི་ནི་བསྟད་དུ་དགའ།། ཞེས་དབའ་དབྱི་ཚབ་དང་ཉུང་ཀུང་ཙེ་གཉིས་འཕེར་རྒྱལ་ལ་ངོ་ལོག་ནས་གནམ་རུ་སྲོང་ བཙན་ལ་མགོ་འདོགས་ཞུ་རྩིས་སྐབས་ཀྱི་ཚིག་སྦྱོར་དེ་དག་སྔར་ནས་ངག་རྩོམ་ཐོག་ གྲུབ་ཟིན་པ་ཞིག་ཐོན་མིའི་ཡི་གེ་དར་རྗེས་སུ་གཞི་ནས་ཡིག་ཐོག་ཏུ་བཀོད་པ་ཡིན་ གསུངས་སོ། དེའི་སྔོན་དུ་ཡིག་གེ་མེད་པས་ངག་ཐོག་ཏུ་སྔོན་བྱོན་རྒྱལ་བ་གོང་མ་རྣམས་ཀྱིས་ངག་ནས་བརྗོད་པ་ཡིན་འདུག་ དཔེར་ན་བོན་གྱི་གསོལ་མཆོད་དང་གེ་སར་རྒྱལ་པོའི་སྒྲུང་གཏམ་ལྟ་བུ། རྩོམ་རིག་གི་སྒྲོམ་གཞི་འདི་ཉིད་ཐོན་མིའི་བོད་ཡིག་དར་བའི་རྗེས་སུ་རྒྱས་པ་དང་གཏིང་ཇེ་ཟབ་ཏུ་སོང་བ་མ་ཟད། བོད་ཀྱི་རྒྱལ་པོ་བཙན་པོ་རིམ་བྱོན་གྱི་ཆབ་སྲིད་ཀྱི་ཡོ་བྱད་ལ་མེད་ཐབས་མེད་པའི་གདོད་མའི་རྩོམ་རིག་གི་ནང་ནས་སྒྲུང་ ལྡེའུ་བོན་གསུམ་གྱི་ནང་གི་ལྡེའུ་ཞེས་པ་དེ་ཡིན་ཞེས་གསུངས་སོ། དེས་ན་ལྡེའུ་ཡང་གདོད་མའི་རྩོམ་རིག་གི་གདན་གྲལ་ངེས་ཅན་གཟུང་མཁན་གྱི་ཤེས་རིག་ གལ་ཆེ་བ་ཞིག་ཡིན་པ་དེ་ཡང་ཚོད་དཔག་བྱེད་ཐུབ་སྙམ། དེ་དག་དུས་ཕྱིས་ཡིག་ཐོག་ཏུ་ཕབ་པ་ལས་དང་པོ་ཉིད་ནས་ཡིག་ཐོག་མེད་པར་ངག་ཐོག་ནས་ ཕན་ཚུན་ཤགས་འགྱེད་པ་ཡིན་པས་ངག་རྩོམ་ཡིན་ཞེས་བརྗོད་ན་མི་རུང་བ་མེད་སྙམ། ཐོན་མིས་བོད་ཡིག་བརྩམས་རྗེས་སུ་གདོད་མའི་རྩོམ་རིག་དེ་རྒན་རབས་རྣམས་ཀྱིས་སྤུ་ཙམ་རེ་བརྗོད་ན་མ་གཏོགས་གནམ་མཁའི་གཞའ་ཡལ་བ་ལྟར་ནམ་མཁའི་དཀྱིལ་དུ་ཐིམ་པའི་དུས་སུ་འགྱུར། དེ་ཡང་སྙན་ངག་མེ་ལོང་མའི་གཞུང་དེ་བོད་སྐད་དུ་དུས་རབས་བཅུ་གཉིས་པ་ལ་འགྱུར་བས་ཡིན་ཞེས་སྨྲས་ན་ཐེ་ཚོམ་མེད། འོན་ཀྱང་བོད་ཀྱི་ཁྱད་ཆོས་ངོ་མ་ཞིག་གདོད་མའི་རྩོམ་རིག་དེ་རྩ་བ་ནས་བརླགས་གཏོར་འབྱུང་བའོ། དེ་བཞིན་ཐོན་མིས་ཡིག་ཐོག་ཏུ་ཕབ་པ་ཐེངས་དང་པོ་དེ་ཡིན་རྒྱུ་རེད་སྙམ། དཔེར་ན། མི་ལའི་མགུར་འབུམ་དང༌། རྗེ་དགེ་འདུན་གྲུབ་པའི་གསུང་མགུར། ཤར་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་སོགས། གཞན་ཡང་བེ་རི་འཇིགས་མེད་དབང་རྒྱལ་གྱིས། སྟོད་དང་མདོ་སྟོད་སྨད་ཁུལ་གྱི་ཕལ་བའི་སྤྱི་ཚོགས་ཁྲོད་དུ། གཞས་དང་མགུར་མོ་ཞེས་ད་ལྟའི་བར་དུ་རྒྱུན་མ་ཆད་པ་ཡོད་པ་མ་ཟད། རྒན་པོ་རྒན་མོ་ཁ་བདེ་བ་འགའ་རེས། ལ་ཡས་ཀྱིས་ཁ་ཤགས་འགྱེད་དེ་རྒྱལ་ཕམ་དབྱེ་ཐག་མི་ཆོད་བར་ཉིན་མཚན་སྦྲེལ་ནས་ཤགས་ འགྱེད་པའི་ལོ་རྒྱུས་ཀྱང་ཡོད་ཞེས་གསུངས་འདུག།
གཉིས་པ་སྙན་ངག་མེ་ལོང་མའི་རྗེས་སུ་སྲོལ་རྒྱུན་རྩོམ་རིག་ཞེས་དར་བ་ཡིན་པ་སྣང་ངོ་། སྲོལ་རྒྱུན་སྙན་རྩོམ་ནི། རྒྱ་གར་བའི་རྩོམ་རིག་གི་གཞུང་མེ་ལོང་མའི་རྩོམ་སྒྲོས་དང་ མཐུན་པའི་སྙན་ཚིག་ལ་ཟེར་རོ༌། སྲོལ་རྒྱུན་རྩོམ་རིག་གི་གཞི་འཛིན་ས་གཙོ་བོ་མེ་ལོང་མ་ནི། དུས་རབས་བདུན་པའི་དུས་དཀྱིལ་ལ་བྱུང་བའི་དབྱུག་པ་ཅན་ཞེས་པས་བརྩམས་གནང་བ་ཡིན། དེ་ཉིད་དུས་རབས་བཅུ་གཉིས་པ་དང་བཅུ་་གསུམ་པའི་ནང་ས་སྐྱ་་པཎ་ཆེན་དང་ལོ་ཙ་བ་ཤོང་སྟོན་་དག་གིས་བཀའ་དྲིན་ལ་བརྟེན་ནས་སྲོལ་རྒྱུན་གྱི་རྩོམ་རིག་འདི་ཉིད་བོད་དུ་དར་སྲོལ་ ཆེ་བའི་མགོ་ཚུགས། དེའི་གོང་ན་སྲོལ་རྒྱུན་རྩོམ་རིག་བོད་ལ་མ་དར་བ་མ་ཡིན་ནོ། དེ་དག་གི་སྐབས་སུ་མེ་ལོང་མ་རྩོམ་གྲུབ་མིན་ཇི་ལྟར་ཡང༌། མེ་ལོང་མའི་ཁུངས་གཏུགས་ས་རྒྱ་གར་བའི་རྩོམ་རིག་གི་གཞུང་ར་མེ་ཤོ་དང་གྲོང་མཁར་ བའི་གཞུང་རྣམས་ཡོད་པ་དེ་དག་མེ་ལོང་མའི་རྩོམ་གཞུང་དང་རྒྱས་བསྡུས་ཙམ་ལས་ཁོག་ མཐུན་པས། བོད་ཀྱི་སྔ་རྩོམ་དེ་དག་མེ་ལོང་མའི་རྩོམ་གཞུང་དང་ཁོག་མཐུན་པ་ཞེས་བརྗོད་ན་མི་ རུང་བ་མེད་དོ་སྙམ། དེར་བརྟེན་གསུང་རབ་བོད་བསྒྱུར་གྱི་མགོ་ཚུགས་པ་ནས་སྲོལ་རྒྱུན་རྩོམ་རིག་བོད་ དུ་དར་མགོ་ཚུགས་པ་ཡིན༌ ཞེས་གསུངས་བཞག་འདུག ཡང་སྐྱབས་ཆེན་བདེ་གྲོལ་གྱིས། འདི་ཉིད་ཐོན་མིའི་ཡིག་ཕུད་རྩོམ་པ་ནས་ས་པཎ་བར་རིམ་པར་བྱུང་ཞིང༌། དེ་ཡང་བོད་སིལ་བུའི་དུས་རབས་སྐབས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྤྲིངས་ཡིག་དང༌། ལོ་ཆེན་རིན་ཆེན་བཟང་པོའི་རིག་བྱེད་མཐའ་དག་རྗེས་སུ་བསྟན་པའི་འགྱུར་བྱང་སྨོན་ ཚིག བཀའ་བདམས་ཕ་ཆོས་བུ་ཆོས། ས་ཆེན་གོང་མ་རྣམ་ལྔའི་བཀའ་འབུམ་སོགས་ལས་བྱུང་པའི་ཚིགས་བཅད་རྩོམ་ཡིག་བཅས་ལ་ གཟིགས་ན། སྐབས་དེ་དག་ཏུ་སྲོལ་རྒྱུན་སྙན་ངག་གི་འཕེལ་ཤུགས་ཇི་ཙམ་ཞིག་ཏུ་སླེབས་ཡོད་པ་ ཤེས་ཐུབ་ངེས་ཡིན་སྙམ་ཞེས་གསུངས་བ་ཡང་ཡོད་དེ། དེས་ན་གོང་དུ་བགྲང་པ་ལྟར་མེ་ལོང་མ་བོད་བསྒྱུར་མ་བྱས་པའི་སྔོན་ནས་བོད་ལ་བོད་ རང་གི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དགའ་སྡུག་ཁྲོ་ཆགས་ཀྱི་བསམ་བློ་དང་རྣམ་པ་ མཚོན་པའི་གདོད་མའི་སྙན་ཚིག་ཇི་ཙམ་ཞིག་དར་ཁྱབ་ཟིན་པ་གོང་དུ་བཤད་པས་ཤེས་ནུས་ སྙམ།
གསུམ་པ་ལ་རང་མོས་རྩོམ་རིག་་གམ་རྩོམ་རིག་གསར་པ་ནི། སྔོན་སྤྱི་ལོ༡༨༨༥ལོར་ཨ་རིའི་སྙན་ངག་པ་ཝལཌ་ཝཊ་མན Walt Whitman, 1819-1892 ཡིས་རྩྭ་ལོའི་ཚོམ་བུ(Leaves of Grass) ཞེས་པའི་སྙན་ཚིག་ཕྱོགས་སྒྲིག་གི་དེབ་གསར་དུ་བརྩམས་པ་ཡིན་ཞེས་འདོད་ཀྱང་ཁ་ཅིག་གིས་(Williams Worth) ཡིན་ཞེས་ཀྱང་གསུངས་གི་འདུག  གང་ལྟར་སུ་ཡིན་ཀྱང་སྙན་ངག་གསར་པའམ་རང་མོས་སྙན་ངག་གི་རྩོམ་སྲོལ་གསར་དུ་བཏོད་སྨྲས་ཀྱང་དཔྱད་པ་གཏོང་དགོས། བེ་རི་དབང་རྒྱལ་གྱིས། རྩོམ་པ་པོ་ཁོང་གིས་སྙན་རྩོམ་འདི་ཉིད་འགྲེམས་སྤེལ་བྱས་ཀྱང་ཉོ་མཁན་ལྟ་ཅི་ སྐབས་དེར་སྤྲོད་ནའང་ལེན་མཁན་མེད་པའི་ཚོད་དུ་གྱུར་བ་མ་ཟད་རྩོམ་པ་པོ་ཁོང་རྒྱུན་ལྡན་རྩོམ་སྒྲིག་ཁང་ཞིག་གི་ནང་དུ་ལས་ཀ་བྱེད་མཁན་ཡིན་ཡང་ དེ་ནས་དགོངས་པ་ཞུ་དགོས་བྱུང་བས་མི་ཚེ་མཐའ་མཇུག་རང་ཉིད་ཀྱི་སྐྱེས་ཡུལ་གྲོང་གསེབ་ཆུང་ཆུང་ཞིག་ཏུ་བསྐྱལ་ནས་ འཇིག་རྟེན་འདིར་གྱེས་མཇལ་ཞུས་ཞེས་གསུངས་འདུག རྩོམ་པ་པོ་དེ་འཇིག་རྟེན་ཕ་རོལ་ཏུ་གཤེགས་པའ་རྗེས་སུ་ཨ་རིའི་གཞོན་སྐྱེས་བསམ་བློ་བ་དང་ རྩོམ་པ་པོ་རྣམས་ཀྱིས་རྩྭ་ལོའི་ཚོམ་བུར་ཉམས་ཞིབ་བྱས་པའི་ཚེ་ཨ་རིའི་མང་ཚོགས་ཀྱི་བསམ་བློའི་གནས་ཚོད་ཀྱིས་རྩྭ་ལོའི་ཚོམ་བུའི་ སྒྱུ་རྩལ་གྱི་གནས་ཚོད་ལ་རྗེས་མ་བསྙེགས་པས་ཡིན་པར་ཤེས་སོ། རྩྭ་ལོའི་ཚོམ་བུའི་སྐྱོན་ཆ་མ་ཡིན་པར་ངོས་འཛིན་བྱས་པར་མ་ཟད། དེ་ཉིད་འཐད་ཕྱོགས་སྒྲུབ་པའི་རྩོམ་ཡིག་མང་པོ་འགྲེམས་སྤེལ་བྱས་ནས་འཛམ་གླིང་ཀུན་གྱི་་རྩོམ་པ་པོ་རྣམས་དོ་སྣང་ཆེན་པོ་བྱས་པས་སྐད་ཡིག་ཉི་ཤུ་ལྷག་ཏུ་བསྒྱུར། དེའི་རྗེས་སུ་དོན་གྲུབ་རྒྱལ་གྱིས་གོང་གསལ་རྩོམ་རིག་གསར་པ་དེ་དག་ལ་དཔེ་བླངས་ནས་ལང་ཚོའི་ རྦབ་ཆུ་ཞེས་པ་གསར་རྩོམ་བྱས། དེ་ནས་རིམ་པར་བཞིན་བོད་ཀྱི་གཞོན་སྐྱེས་ཚོའི་ཁྲོད་ནས་རྩོམ་རིག་གསར་པ་ཤིན་ཏུ་དར་བ་བྱུང༌། འོན་ཀྱང་བོད་ཀྱི་རྩོམ་པ་པོ་རྒན་གྲས་ཁག་གཅིག་གིས་རྩོམ་སྲོལ་འདི་ཁུངས་དང་ ལུང་གང་ཡང་མེད་པར་སྣང་། ཨ་རིའི་སྙན་ངག་ པ་ཝལཌ་ཝཊ་མན་གྱིས་རྩྭ་ལོའི་ཚོམ་བུ་ཞེས་པའི་རྩོམ་ཡིག་དེ་ཉིད་དབྱིན་ཡིག་རང་གི་ཐོག་ཏུ་རྒྱ་གར་སོགས་ཕྱི་རྒྱལ་ཡུལ་ གྲུ་དུ་མར་ལག་མི་ཐོགས་པར་ཡོད་ནའང་བོད་བསྒྱུར་གནང་རྒྱུའི་དོ་སྣང་མ་བྱུང་བ་ཡིན་ཞེས་ཀྱང་གསུངས་འདུག མདོར་ན་བོད་དུ་མཁས་པ་དུ་མས་བསམ་ བློའི་སྤྲོ་འཁྱམས་བྱེད་ན་སྔ་ན་མེད་པའི་རྩོམ་རིག་ཤེས་བྱ་ཞིག་ཡིན། རྩོམ་རིག་གསར་རྙིང་གཉིས་ཀའི་ཐོག་ནས་སྙིགས་འདོར་བཅུད་ལེན་དང་དགོས་མཁོ་ལག་བསྟར་ཐུབ་པ་ ཞིག་གནང་ཐུབ་ན་སྤྱིར་འཛམ་གླིང་ཀུན་གྱི་སྒྲོན་མེ་དུ་འགྱུར་བའི་དགོས་པ་འདུག་ སྙམ།

མཇུག་བསྡུ།

འཇིག་རྟེན་འཛམ་བུ་གླིང་དུ་རྩོམ་རིག་དེ་ཉིད་དགོས་མཁོ་ཆེ་བའི་ཡོ་བྱད་ཞིག་ཡིན། འོན་ཀྱང་རྩོམ་རིག་དེ་དག་གི་བྱུང་ཁུངས་ཀྱི་སྐོར་ཤེས་མཁན་རྣམས་ནི་ཉི་མའི་སྐར་མ་དང་འདྲ་བ་ཞིག་ལས་མེད་པས། རྩོམ་རིག་ལ་དབྱེ་བ་དུ་བ་ཡོད་ཀྱང་དེ་ཇི་བཞིན་དུ་བྱུང་བ་ཡིན་ནམ་ཤེས་དགོས། དེ་ནང་དུ་སྲོལ་རྒྱུན་དང་གདོད་མའི་རྩོམ་རིག་གཉིས་སྙན་ངག་མེ་ལོང་མ་བྱུང་བའི་རྗེས་སུ་དབྱེ་བ་ཕྱེ་བ་ཡིན་ཞེས་བཞག་ན་ཡང་ཐུབ་ཞེས་བསམ་བྱུང་། དེ་ལྟར་རྩོམ་རིག་དེ་དག་གི་དགོས་པ་དང་ཕན་ནུས་ཤེས་ན་འཇིག་རྟེན་དུ་མཁས་པའི་བྱ་བ་གསུམ་ལ་བརྩོན་པས་མཁས་པའི་མིང་དང་སྙན་གྲགས་བརྙེས་ཀྱི་ཡིན་ཞེས་བསམ་བྱུང་། ཞེས་པ་ནི་མ་འོངས་གྲོགས་པོ་སློབ་འདོད་རྣམས་ལ་དཔེ་སྟོན་གྱི་ཚུལ་དུ་བློ་དམན་སྐུར་སྟོདཔ་བསྟན་འཛིན་བདེ་སྐྱིད་ལྷུན་གྲུབ་ནས་སྤྱི་ལོ་༢༠༡༦ སྤྱི་ཟླ་ ༣ པའི་ཚེས་༣ ཉིན་བྲིས་བར་དགེའོ།། ཁ་པར་ཨངཿ ༡༧༤༠༧༦༡༨་ནང་ལ་གསུང་རོགས་གནང་། ཐུགས་རྗེ་ཆེ།

Comments

Popular posts from this blog

སློབ་དཔོན་ལ་བསྟོད་རྩོམ།

མཆོད་བརྗོད། ༆ གྲུ་འཛིན་གནས་སུ་འབུམ་ཚོགས་འཁོར་གྱིས་བསྐོར།། ཕྱག་ན་པད་མ་ཕྲེང་བ་ནོར་བུ་བསྣམས།། འགྲོ་དྲུག་རྣམས་ལ་གང་འདོད་སྟེར་བ་ཡི།། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ༼སློབ་དཔོན་ལུ་བསྟོད་རྩོམ་དམ་ཚིག་མཆོད་པ།༽ སློབ་དཔོན་ལགས། ཁྱོད་ནི་རིག་གནས་བཅུའི་བང་མཛོད་བླ་ན་མེད་པ་ཞིག་དང་། འཆད་རྩོད་རྩོམ་གསུམ་ལྡན་པའི་ནོར་བུ་ཞིག་ཡིན་ཀྱང། ཁྱོད་ལ་སུ་ཡིས་ཀྱང་འགྲན་ཟླ་མེད་པའི་མུན་པ་སེལ་བའི་སྒྲོན་མེ་ཞིག་ཡིན། དེ་བས། ཁྱེད་བཞུགས་པའི་དུས་འཛམ་གླིང་འདི་དགའ་སྐྱིད་ལྡན་པའི་དཔྱིད་ཀྱི་དཔལ་དུ་འགྱུར། སློབ་དཔོན་ལགས། ཁྱོད་ནི། འཁོར་བའི་རྒྱ་མཚོ་ཆེན་མོ་ནས་སྒྲོལ་བའི་གྲུ་ཆེན་ཡིན་ལ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སོགས་མ་ནོར་བར་སྟོན་མཁན་དེད་དཔོན་ཡང་ཡིན། ཁྱོད་ནི་འགྲོ་བ་མི་རྣམས་ཀྱི་སྲོག་ཤིང་ཞིག་དང། ལས་དང་ཉོན་མོངས་པའི་མེ་དཔུང་རྣམས་མ་ལུས་པར་འཇོམས་པའི་བདུད་རྩིའི་ཆར་པ་ཞིག་ཀྱང་ཡིན། སློབ་དཔོན་ལགས། ཁྱོད་ནི་མ་རིག་པའི་མུན་པ་སེལ་ཏེ་ཡོན་ཏན་གྱི་སྣང་བར་བྱེད་པའི་ཉི་མ། ཚེ་འདི་ཕྱི་གཉིས་ཀ་ལ་བདེ་བའི་ཡོན་ཏན་རྣམས་ཀྱི་འབྱུང་གནས་དཔག་བསམ་ལྗོན་ཤིང་། ད་དུང་ཡང་། ཁྱོད་ནི། ཅི་འདོད་ཀྱི་ལས་བཞིའི་འཕྲིས་ཀྱི་རྒྱ་མཚོའི་འབྱུང་གནས...

མངའ་བདག་རྒྱལ་པོ་ལ་བསྟོད་ཚིག་དམ་ཚིག་མཆོད་པ།

མཆོད་བརྗོད། ༆ གྲུ་འཛིན་གནས་སུ་འབུམ་ཚོགས་འཁོར་གྱིས་བསྐོར།། ཕྱག་ན་པད་མ་ཕྲེང་བ་ནོར་བུ་བསྣམས།།     འགྲོ་དྲུག་རྣམས་ལ་གང་འདོད་སྟེར་བ་ཡི།། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ངོ་སྤྲོད། ང་བཅས་ར་འབྲུག་གི་སྤྱི་ནོར་དམ་པ་དཔལ་མི་དབང་མངའ་བདག་འབྲུག་རྒྱལ་ལྔ་པ་མཆོག་གི་མཛད་བྱ་བཟང་པོ་ཚུ་ལུ་བསམ་སྟེ་རྒྱལ་ཁབ་ནང་ལུ་ཞི་བདེ་དང་དགའ་སྐྱིད་ཚུ་ཡོད་ལུགས་ལུ་གཞི་བཞག་སྟེ་བསྟོད་རྩོམ་ཐུང་ཀུ་ཅིག་ཕུལ་ནི་ཨིན། རྩོམ་འདི་གིས་སྤྱི་བཏང་ང་བཅས་འབྲུག་གི་རྒྱལཔོ་དང་རྒྱལ་ཁབ་མི་སེར་ཚུ་གི་སྐོལ་ལས་ཧ་གོ་ཚུགས་ནིའི་རེ་བ་སྦོམ་ཡོད་ཟེར་ཞུ་ནི་ཨིན། ༼བསྟོད་ཚིག་དམ་ཚིག་མཆོད་པ།༽ ལྷོ་ཕྱོགས་འཛམ་བུ་གླིང་གི་ས་འདི་ནང་།། རྒྱལ་ཁབ་བརྒྱ་དང་སྟོང་སྦེ་ཡོད་པའི་སྦུག། དགའ་སྐྱིད་ཉི་མ་ཤར་བའི་ལྷ་གཡུས་བཟུམ།། དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཆགས་ཏེ་ཡོད།། འབྲུག་སྨན་ལྗོངས་ཡངས་པའི་རྒྱལ་ཁབ་འདི།། ཕྱི་དགྲ་ཡི་ཕོགས་ལས་རྣམས་པར་རྒྱས།། ནང་སངས་རྒྱས་བསྟན་པ་དར་ཤིང་རྒྱས།། འབངས་བདེ་སྐྱིད་ལོངས་སྤྱོད་་ཕུན་སུམ་ཚོགས།། ཕྱི་སྒང་རི་ཚུ་གིས་བཅའ་རིས་སྒྲིག། ནང་དྲི་ཞིམ་ལྡན་པའི་ལྗོན་ཤིང་འཁྲུངས།། ཕྱི་མི་གི་བལྟ་ཚེ་མཛེས་པས་ལོ།། ནང་རང་གི་བལྟ་རུང་མཇའ་མི་མཇའ།། ...

གཙང་མོ་སྙན་པའི་གླུ་དབྱངས།

གཙང་མོ་སྙན་པའི་གླུ་དབྱངས། བུཚ། མེ་ཏོག་དཀར་སེར་དམར་ལྗང་།། གསེར་སྦྲང་བུང་བ་འཁོར་ས།། སྐུ་གཟུགས་ལེགས་པའི་བུ་མོ།། སྟག་ཤར་གཞོན་ནུ་འཁོར་ས།། བུམོ། འོད་ཟེར་ཅན་གྱི་ཟླ་བ།། ནམ་མཁའི་སྦུག་ལུ་འཇའ་བས།། སྟག་ཤར་གཞོན་པའི་ཞལ་རས།། སྨན་ཆུང་མིག་ལུ་མཛེས་པས།། བུཚ། མཐོང་ན་མིག་ལུ་མཛེས་པ།། ཉན་ན་གསུང་སྐད་སྙན་པ།། བསམ་ན་སེམས་པ་དགའ་བ།། མཁའ་འགྲོ་དབྱེ་བ་མིན་འདུག། བུམོ། གངས་ཀྱི་གཙང་ཆུ་སྔོན་མོ།། འཐུང་ན་ཁ་སྐོམ་སེལ་བས།། སྟག་ཤར་གཞོན་པ་འཇལ་ཚེ།། སེམས་ཀྱི་ན་ཟུག་སེལ་སོང་།། བུཚ། འབྲུག་གི་རྒྱལ་ཁབ་ནང་ལས།། ཞལ་མཛེས་དཀྱིལ་འཁོར་འཇལ་ཚེ།།  དྲི་མེད་བཅོ་ལྔའི་ཟླ་བ།། ཤར་ལས་ཤར་བྱུང་དྲན་སོང་།། བུམོ། ཕྱི་ལས་སྐུ་ཤ་དཀར་བ།། ནང་ན་ཐུགས་སེམས་ལེགས་པ།། སྟག་ཤར་ཕྱི་གསལ་ནང་གསལ།། ཤེལ་དཀར་བུམ་པ་འདྲ་བས།། བུཚ། དྲི་བཟང་སེམས་ཀྱི་མེ་ཏོག། ཤར་ཡང་སེམས་ལུ་ཤར་ཡོད།། ང་ཡི་ལེགས་པའི་མེ་ཏོག། གཏན་ཀྱང་ཤར་ཏེ་བཞུགས་གནང་།། བུམོ། སྟག་ཤར་དམ་ཚིག་ཡོད་ན།། སེམས་ཀྱི་མེ་ཏོག་རང་ཡང་།། ཚེ་གཅིག་ལུས་ཀྱི་རྒྱན་སྦེ།། མ་འགྱུར་གཏན་ཀྱང་སྡོད་ནི།། བུཚ། ཁྱོད་སྐུ་མེ་ཏོག་དཀར་པོ།། དྲི་མ་སྤོས་ལས་ཞིམ་པས།། བསྐལ་པ་མ་སྟོང་བར་དུ།། ལྷ་ལུ་མཆོད་པ...